གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༡༽ སྦས་སྟག་སྣ་སོགས་ཀྱིས་སྔར་ནས་གཡོ་བྱུས་ཞིབ་ཅིང་ཕྲ་བ་བཏིང་ཡོད་པ་ལྟར། བཙན་པོ་སྐུ་བཀྲོངས་རྗེས། སྲས་དར་མ་དགུང་ལོ་དགུ་ལྷག་ཙམ་དེ་རྒྱལ་སྲིད་ཀྱི་ཁྲིར་མངའ་གསོལ།
༢༽ རྒྱལ་སྲིད་ཀྱི་ཁ་ལོ་སྡིག་བློན་དག་གིས་བསྒྱུར་བར་དོགས་ནས། བློན་ཆེན་འགའ་དང་ལོ་པཎ་ཁག་ཅིག་ལྷན་དུ་འཛོམས་ཏེ། རྒྱལ་སྲིད་འཛིན་སྐྱོང་ཅི་དགེའི་ཐད་གསང་བའི་བཀའ་གྲོས་ཤིག་གནང༌།
༣༽ ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་ན་རེ། “སྲས་དར་མ་དགུང་ན་ཕྲ་བས་ཆོས་ཀྱི་མཁྱེན་རྒྱ་ཆུང། སྡིག་བློན་དག་གིས་བློ་ཁ་བསྒྱུར་ན་ཆོས་ཁྲིམས་འཇིག་པའི་ཉེན་ཁ་ཆེ།” ཞེས་སྤྱན་ཆབ་བསིལ།
༤༽ ཅོག་རོ་ཀླུའི་རྒྱལ་མཚན་དང་སྐ་བ་དཔལ་བརྩེགས་གཉིས་ཀྱང་ཐུགས་སྐྱོ་བའི་ངང༌། ཆོས་བློན་ཆེན་པོ་ཞིག་དང་ནང་བློན་ཆེན་པོ་ཞིག་གསར་བསྐོ་བྱེད་དགོས་པའི་དགོངས་ཚུལ་བཏོན།